ཉིན་ལྔ་པ། བཀའ་ཁྲི་འོས་ཐོན་བློ་བཟང་སེང་གེ་ལགས་དང་ལྷན་དུ།

༄༅།། རྒྱལ་སྤྱིའི་བོད་རང་བཙན་ལས་འགུལ་ཚོགས་པ།
INTERNATIONAL TIBET INDEPENDENCE MOVEMENT
www.rangzen.org
ཉིན་གཉིས་པ། ང་ཚོས་ ཞོགས་ཀའི་ཆུ་ཚོད་ ༨༔༤༥ ཐོག་གོམ་བགྲོད་མགོ་འཛུགས་བྱས། དེ་རིང་ཡང་བོད་མི་ན་གཞོན་༤ ང་ཚོ་དང་ལྷན་དུ་འཛོམས། ཁོང་ཚོའི་ན་ཆུང་གི་ངར་ཤུགས་དང་རྒྱལ་ཞེན་དག་གིས་ང་ཚོ་ཚང་མ་ལ་ཡིད་འགུལ་ཐེབས་བྱུང་། ཉིན་གང་ལ་ལམ་ཟུར་གྱི་རྐང་ལམ་མེད་བརྟེན་ཧ་ཅང་ཉེན་ཁ་ཆེ་བ་ནི་བཤད་མ་དགོས།
ཁ་སང་ནས་ང་ཚོས་ལམ་སྟེང་དུ་འཕྲད་པའི་རླངས་འཁོར་གྲངས་ཀ་བརྩི་བའི་མགོ་བཙུགས་པ་ཡིན། ཁ་སང་ཆུ་ཚོད་གཅིག་ཙམ་གྱི་རིང་ལ་ རླངས་འཁོར་ ༡༡༠༠ ཙམ་ཞིག་ང་ཚོ་དང་འཕྲད་བྱུང་། དེ་རིང་ ༡༣༠༠ ཙམ་རེ་འདུག ང་ཚོས་རླངས་འཁོར་མང་པོས་འབུད་སྒྲ་དང་བཅས་ང་ཚོ་ལ་རྒྱབ་སྐྱོར་བྱེད་པ་གོ་བྱུང་། ང་ཚོར་མཐོང་ཆུང་བྱེད་མཁན་གཅིག་ཀྱང་མི་འདུག
ཞོགས་ཀའི་རིང་ལ། ས་གནས་ཀྱི་གསར་འགྱུར་བརྒྱུད་ལམ་གྲགས་ཆེ་བ་དག་གིས་ང་ཚོ་ལ་བཅར་འདྲི་བྱས་བྱུང་།
གནམ་གཤིས་ནི་ཁ་སང་ལས་དེ་རིང་ཚ་བ་འདུག ང་ཚོས་དེ་རིང་མེལ་ལེ་ ༡༦ ལྷག་ཙམ་ལ་གོམ་བགྲོད་བྱས་པ་ཡིན།
རྡོ་རྗེ་དང་སྐལ་བཟང་ཟུང་གིས་ང་ཚོས་ཉིན་གུང་གི་ཟས་བསྐྱལ་བྱུང་། ཁོང་ཚོས་ ང་ཚོར་དགུང་ཟས་སྤུས་ལེགས་ཤིག་ཀྱང་གོ་སྒྲིག་བྱས་བྱུང་། དགུང་མོར་ང་ཚོའི་སྐོར་ཞིག་གིས་ཨེ་ཊི་ལེན་ཊིག་རྒྱ་མཚོ་ལ་རྐྱལ་བརྒྱབ་པ་ཡིན། དེས་ང་ཚོའི་ཐང་ཆད་པའི་རྩ་རྒྱུས་ལ་ངལ་གསོ་སྤྲད་བྱུང་།
ང་ཚོའི་ཆོད་སེམས་ནི་ཧ་ཅང་བརྟན་པོ་ཡིན་ལ། ང་ཚོས་རང་གི་དམིགས་ཡུལ་ལྟར་བོད་ཀྱི་སྐོར་དང་བོད་རང་བཙན་བརྩོན་ལེན། རྒྱའི་བཙན་འཛུལ་བཅས་མི་རྣམས་ལ་ངོ་སྤྲོད་བྱས་པ་ཡིན།
ང་ཚོས་ ༢༠༡༡ ལོའི་རང་བཙན་གོམ་བགྲོད་དེ་མགོ་འཛུགས་བྱས་པ་ཡིན། དེ་རིང་གོམ་བགྲོད་པ་ བཅུ་གཅིག་ཡོད། ང་ཚོས་ཡུ་རོབ་པ་རྣམས་བཙན་གནོན་ལས་བྲོས་ཏེ་འདིར་འབྱོར་བའི་ས་ཆར་གྲགས་པའི་ པིལ་གི་རིམ་ མོ་ནུ་མེན་ཊི་ ཞེས་པ་ནས་མགོ་འཛུགས་བྱས་པ་ཡིན། ས་གནས་ཉེན་རྟོག་པ་བུད་མེད་གཅིག་གིས་ང་ཚོ་ལྷན་དུ་པར་མཉམ་པོར་རྒྱག་རོགས་བྱས་བྱུང་། ཆུ་ཚོད་དགུ་པ་ལ་སྲང་ལམ་མི་མང་པོ་འདུག ང་ཚོས་གོ་སྐབས་དེ་སྤྱད་ནས་ཡིག་ཆ་མང་པོ་བཀྲམས་པ་ཡིན། མཚོ་འགྲམ་གྱི་གླིང་ག་མང་པོ་ཡོད་ས་བརྒྱུད་ནས་ཞོགས་ཀའི་རིང་གོམ་པ་ཤུགས་ཆེར་སྤོ་ཐུབ་བྱུང་། ལམ་ཆེན་གྱི་ཟུར་རྐང་ལམ་མེད་མོད་ང་ཚོ་ལ་དཀའ་ངལ་གང་ཡང་འཕྲད་མ་བྱུང་། རླངས་འཁོར་བ་ཚོས་རྐང་ཐང་བ་རྣམས་ལ་གུས་བརྩི་ཆེན་པོ་བྱེད།
ས་གནས་ཀྱི་བོད་མི་མཚན་ལ་བྱམས་པ་ཞུ་བ་དང་། ཁོང་གི་ལོ་ན་ཆུང་བའི་བུ་མོ་གཉིས་ཀྱིས་ང་ཚོ་ལ་ཉིན་གུང་གི་ཟས་བསྐྱལ་བྱུང་།
ཉིན་གང་ལ་ང་ཚོས་གསང་སྤྱོད་བཙལ་བ་ཡིན་མོད། གཅིག་རང་གཅིག་མ་གཏོགས་རྙེད་མ་བྱུང་། མི་རེས་ཆུ་ཚོད་གཅིག་གི་རིང་ཆུ་དམ་གསུམ་བཞི་རེ་འཐུང་བ་ལ་དཔགས་ན་ཧ་ཅང་དཀའ་ངལ་ཆེ་བ་རེད། འོན་ཀྱང་གནམ་གཤིས་ཤིན་ཏུ་ཚ་བ་དེས་ཆུ་འཐེན་པ་ལ་ཕན་ཡོད་ཀྱི་རེད།
ང་ཚོ་ མེལ་ལེ་ ༡༦.དང་ཕྱེད་ཀ་ལ་གོམ་བགྲོད་བྱས། ཆུ་ཚོད་ ༥༔༣༥ སྟེང་མཚམས་འཇོག་བྱས། དེ་རིང་ང་ཚོ་རྡོ་རྗེ་དང་སྐལ་བཟང་གི་ཁྱིམ་དུ་སྡོད་རྒྱུ་ཡིན།
འབྲེལ་གཏུགས་བྱེད་ས། ངག་དབང་ནོར་བུ་ལགས།(ngawang16@yahoo.com; 781-572-5611) སློབ་དཔོན་ཆེན་མོ་ལེ་རེ་གྷིར་སི་ཊན། (lhgerstein@gmail.com; 317-506-2249 cell)

རྒྱ་ནག་གིས་“བོད་བཅིངས་གྲོལ་”ཟེར་བ་འདི་བཏང་ནས་ལོ་ ༦༠ འཁོར་བའི་དུས་དྲན་སྲུང་བརྩི་བྱེད་པའི་ཉིན་མོ་འདི་ལ། ལོ་ན་ ༡༧ ནས་ ༦༠ བར་ཡོད་པའི་བོད་མི་ལྔ་དང་ནུབ་ཕྱོགས་པ་གཅིག་བཅས་ཀྱིས་ “བོད་རང་བཙན་གོམ་བགྲོད་”འདི་ ཨ་རིའི་པི་རོ་ཝིན་སེ་ཊོན་ཞེས་པ་ནས་བྷོ་སི་ཊཱོན་བར་གྱི་ མེལ་ལེ་ ༡༢༠ ལྷག་ལ་བགྲོད་རྒྱུ་ཡིན་པ་དང་། གོམ་བགྲོད་འདི་ནི་རྒྱལ་སྤྱིའི་བོད་རང་བཙན་ལས་འགུལ་ཚོགས་པས་གོ་སྒྲིག་ཞུས་པ་ཡིན། གོམ་བགྲོད་པ་རྣམས་ཀྱི་གཉིས་ནི་མཱེ་རེ་ལཱན་ཌི་མངའ་སྡེ་ནས་ཕེབས་པ་དང་། དེ་བཞིན་ཁེ་ནེག་ཊི་ཀི་ཊི་མངའ་སྡེ་དང་མཱ་སེ་ཆུ་སེ་ཊི་མངའ་སྡེ་ནས་ཀྱང་བོད་མི་རེ་རེ་ཕེབས་ཡོད།
དགུང་ལོ་ ༡༧ ཡིན་པའི་ཟླ་བ་སྒྲོལ་མ་ལགས་ཀྱིས། “ང་ཚོའི་ལུང་པའི་ནང་ང་ཚོར་རང་དབང་མེད་པའི་སྐབས་འདི་འདྲ་ལ་རྒྱ་མིས་བཅིངས་གྲོལ་བཏང་བ་ཡིན་ཞེས་བརྗོད་སྐབས་ཁྱད་མཚར་པོ་རེད། དེ་ནི་བཅིངས་གྲོལ་མ་རེད། དེ་ནི་བཅིངས་པ་རེད།” ཅེས་བརྗོད་བྱུང་།
རྒྱལ་སྤྱིའི་བོད་རང་བཙན་ལས་འགུལ་ཚོགས་པའི་འགན་འཛིན་ཚོགས་མི་སྐུ་ཞབས་ངག་དབང་ནོར་བུ་ལགས་ཀྱིས། “རྒྱ་ནག་གི་བཅིངས་གྲོལ་དེས་ང་ཚོ་འཁྱམས་པོ་དང་ཁྱིམ་མེད་བཟོས་བྱུང་། ལོ་ ༦༠ འཁོར་བའི་དུས་དྲན་ཟེར་བ་དེ་ནི་རྒྱ་ནག་གིས་བོད་མིར་གདུག་རྩུབ་བཏང་བ་དང་རང་གི་ཆབ་སྲིད་འབྲས་མེད་དུ་གྱུར་པ་དག་འགེབས་ཆེད་བྱེད་ཀྱིན་ཡོད་པ་རེད། ང་ཚོས་ བོད་ནང་གི་རྒྱ་མིའི་ངོ་གདོང་ངོ་མ་དེ་སྟོན་ཆེད་གོམ་བགྲོད་བྱེད་ཀྱིན་ཡོད།”ཅེས་གསུངས།
རྒྱལ་སྤྱིའི་བོད་རང་བཙན་ལས་འགུལ་ཚོགས་པ་ནི། ༡༩༩༥ ལོར་སྐུའི་གཅེན་པོ་ལྟག་མཚེར་རིན་པོ་ཆེ་དང་སློབ་དཔོན་ལེ་རེ་གཉིས་ཀྱིས་འཚེ་མེད་ཞི་བའི་ལམ་ནས་བོད་རང་བཙན་སླར་ལེན་ཆེད་གསར་དུ་བཙུགས་པ་ཞིག་ཡིན་ལ། ད་ལྟ་དབུས་ལས་ཁུངས་ནི་ ཨ་རིའི་ཨིན་ཌི་ཡཱ་ན་མངའ་སྡེར་ཡོད་མོད། འཛམ་གླིང་ཁྱོན་དུ་ལས་འགུལ་ཁང་འདིའི་རྒྱབ་སྐྱོར་བ་སྟོང་ཕྲག་བཅུ་བརྒལ་བ་ཡོད།
(www.rangzen.org).
༢༠༡༡ ལོའི་ཕྱི་ཟླ་ ༧ ཚེས་ ༡༨ ཉིན།
༡༽ ཨེམ་ཇི་སྐྱིད་འཛོམས་ལགས་ནས་ ༢༥.༠༠
༢༽ བསོད་ནམས་རྡོ་རྗེ་ཞ་ཚང་ནས་ ༢༠.༠༠
༣༽ སྐུ་ཤོ་ཡེ་ཤེས་རྟོགས་ལྡན་ལགས་ནས་ ༥.༠༠
༤༽དགེ་བཤེས་ངག་དབང་འཕྲིན་ལགས་ནས་ ༢༠.༠༠
༥༽ ཨེམ་ཇི་ཉི་མ་ལགས་ནས་ ༡༥.༠༠
༦༽འཇམ་དབྱངས་་བསྟན་འཛིན་རྡོ་ཚང་ནས་ ༢༡.༠༠
༧༽ པ་སྐལ་བཟང་གཟིམས་ཤག་ནས་ ༥༠.༠༠
༨༽ བྱམས་པ་ཆོས་འབྱོར་ལགས་ནས་ ༥.༠༠
༩༽ འཕྲིན་ལས་ཆོས་སྒྲོན་ལགས་ནས་ ༤༥.༠༠
༡༠༽ པ་དཀོན་མཆོག་རྒྱལ་མཚན་ལགས་ནས་ ༢༥.༠༠
༡༡༽ ཨ་ལྕགས་བཀིས་དབང་མོ་ལགས་ནས་ ༡༠༠.༠༠
༡༢༽ མོལ་ཌོན་ཚེ་རིང་རྡོ་རྗེ་གཟིམས་ཤག་ནས་ ༥༠.༠༠
༡༣༽ ཕུར་བུ་མཚོ་མོ་ལགས་ནས་ ༣༥.༠༠
༡༤༽ བློ་བཟང་རྒྱལ་མཚན་ལགས་ནས་ ༣༥.༠༠
༡༥༽བློ་བཟང་ཆོས་དར་ལགས་ནས་ ༥༠.༠༠
༡༦༽ སྐལ་བཟང་དབྱངས་སྒྲོལ་ལགས་ནས་ ༥༠.༠༠
༡༧༽ བྱམས་པ་ལགས་ནས་ ༢༠.༠༠
༡༨༽ཡང་འཕེལ་ལགས་ནས་ ༢༠.༠༠
༡༩༽ རང་བཙན་ཟ་ཁང་ནས་ ༥༠.༠༠
༢༠༽ངག་དབང་མཚོ་མོ་ལགས་ནས་ ༢༥.༠༠
༢༡༽ དམ་ཆོས་ལགས་ནས་ ༡༠.༠༠
༢༢༽ མིསི་ཆོས་སྒྲོན་ལགས་ནས་ ༡༥.༠༠
༢༣༽ པ་སངས་དོན་གྲུབ་ལགས་ནས་ ༢༠.༠༠
༢༤༽ བསོན་ནམས་བསྟན་འཛིན་ལགས་ནས་ ༡༠.༠༠
༢༥༽ ཕུན་ཁང་སྐུ་ངོ་བྱམས་པ་ཕུན་ཚོགས་གཟིམས་ཤག་ནས་ ༢༠.༠༠
༢༦༽ ཨ་མ་ཀ་ཀ་ལགས་ནས་ ༢༠.༠༠
༢༧༽ཚེ་རིང་ཐག་གཅོད་གཟིམས་ཤག་ནས་ ༢༠.༠༠
༢༨༽ དོན་གྲུབ་ཕུན་ཁང་ལགས་ནས་ ༡༠༠.༠༠
དེ་དང་ཆབས་གཅིག་མང་པོ་ཞིག་ནས་གོམ་བགྲོད་ཀྱི་ T-Shirt ཀྱང་མང་པོ་ཉོས་གནང་མཛད་དེ་འཁྱོན་སྡོམ་ཨ་སྒོར་ ༡༤༣༦.༠༠་༼ཨ་སྒོར་ཆིག་སྟོང་བཞི་བརྒྱ་སུམ་ཅུ་སོ་དྲུག་དང་པད་མེད་༽བྱུང་བས་རྒྱལ་སྤྱིའི་བོད་རང་བཙན་ལས་འགུལ་ཚོགས་པའི་ཚོགས་མི་ཡོངས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
༄༅། །སྐུའི་གཅེན་པོ་ལྟག་མཚེར་རིན་པོ་ཆེ་དམ་པ་དེ་ཉིད་དང་སློབ་དཔོན་ལེ་རི་གྷེར་སིཊིན་གཉིས་ནས་ཕྱི་ལོ་ ༡༩༩༥ ལོར་བཙུགས་པའི་རྒྱལ་སྤྱིའི་བོད་རང་བཙན་ལས་འགུལ་ཚོགས་པ་འདིས་ལོ་ལྟར་བོད་རང་བཙན་ཆེད་བྱང་ཨ་རིའི་ས་གནས་གང་སར་གོམ་བགྲོད་ཀྱི་ལས་འགུལ་རྩོམ་དང་རྩོམ་མུས་ལྟར། འདི་ལོ་ཡང་ལོ་འདིའི་ཟླ་བ་ ༧ ཚེས་ ༡༩ ནས་ཚེས་ ༢༥ བར་བྱང་ཨ་རིའི་མངའ་སྡེ་མ་ས་ཅུ་སེཊ་ཀྱི་ས་གནས་ཁེབ་ཀོཊ་(CAP CODE)ནས་བྷོས་ཊོན་བར་མེ་ལི་ ༡༢༠ ལྷག་ཙམ་རིང་གོམ་བགྲོད་བྱ་རྒྱུ་ཡིན་པ་རེད།
ད་རེའི་གོམ་བགྲོད་འདི་བཞིན་ཨ་རིའི་མངའ་སྡེ་མ་ས་ཅུ་སེཊ་ནང་བྱེད་དགོས་པའི་རྒྱུ་མཚན་ནི། མངའ་སྡེ་འདི་བཞིན་ཨ་རིའི་རྒྱལ་རབས་ལོ་རྒྱུས་ནང་ཧ་ཅང་གལ་ཆེན་ཞིག་ཡིན་པ་དེ་ཡང་། དུས་རབས་ ༡༧ པའི་ཕྱི་ལོ་ ༡༦༢༠ ལོ་མཇུག་ཏུ། དབྱིན་ཡུལ་ནང་གནས་བསྐོར་བ་མང་དག་ཞིག་ལ་ཆོས་དད་རང་མོས་མེད་པར་སྐྱབས་བཅོལ་དུ་མི་འགྲོ་མཐུ་མེད་བྱུང་བར་ཐོག་མར་ས་གནས་ཁེབ་ཀོཊ་ནང་འབྱོར་ཏེ་མཐའ་མ་ཁོང་རྣམས་ས་གནས་དེ་གའི་པིལི་མིད་རོག་(PLAYMOUTH ROCK)ཞེས་པར་གཞིས་ཆགས་བྱས། དེ་ནས་རིམ་པས་མི་མང་རྣམས་ནས་དབྱིན་ཇིའི་དབང་བསྒྱུར་བ་རྣམས་ལ་གྱེན་ལོག་ངོ་རྒོལ་གྱི་མཐའ་མ་ཨ་རི་དབྱིན་འོག་ནས་རང་བཙན་ཐོབ་པའི་ལོ་རྒྱུས་ཡོད་པ་རེད། དེའི་རྟགས་དང་རྟེན་འབྲེལ་ལ་བརྟེན་ནས། ད་རེས་ཀྱི་གོམ་བགྲོད་འདི་ས་གནས་ཁེབ་ཀོཊ་ནང་གནས་བཞུགས་བོད་མི་གྲོང་པ་ཁ་ཤས་དང་བྷོས་ཊོན་བོད་མིའི་སྤྱི་མཐུན་ཚོགས་པས་མཐུན་འགྱུར་རོགས་རམ་གྱིས་གོ་སྒྲིག་ཞུ་རྒྱུ་ཡིན་པ་དང་བཅས་གོམ་བགྲོད་བྱེད་འཆར་ཡོད་པ་རེད།
གོམ་བགྲོད་གྱི་དམིགས་ཡུལ་དང་དགོས་དོན་གཙོ་བོ་ཁག་ནི།
༡. ད་བར་བོད་དེ་རྒྱ་འོག་ནས་རང་བཙན་ཐོབ་མེད་པར་བརྟེན།
༢. བོད་ནང་ཉིན་ལྟར་དཀའ་སྡུག་མྱོང་བཞིན་པའི་བོད་རིགས་སྤུན་ཟླ་རྣམས་ལ་རང་དབང་ཐོབ་ཆེད།
༣. ད་དུང་ཡང་ཆུང་སྲིད་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་གར་ཡོད་ཆ་མེད་ཡིན་པར་བརྟེན།
༤. སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་དབུས་བོད་ནང་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་ཡོང་ཆེད།
༥. རྒྱ་ནག་གི་ཅ་དངོས་ཉོ་སྤྱོད་བཀག་སྡོམ་ཡོང་ཆེད།
༦. རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་འདི་བཞིན་མང་གཙོའི་ལམ་ལུགས་སུ་འགྱུར་ཐབས།
༧. བོད་ཁ་བ་གངས་ཅན་གྱིས་གཙོས། ཤར་ཏུར་ཀི་སི་ཐན། ལྷོ་སོག་དང་ཐེ་ཝན་བཅས་ལ་རང་བཙན་དགོས་རྒྱུ་བཅས་དོན་མཚན་བདུན་གྱི་དགོས་དོན་དམིགས་ཡུལ་ཐོག་གོམ་བགྲོད་གནང་རྒྱུ་རེད།
དེ་དང་ཆབས་གཅིག་རྒྱལ་སྤྱིའི་བོད་རང་བཙན་ལས་འགུལ་ཚོགས་པས་རྒྱལ་གཅེས་ལྷག་བསམ་ལྡན་པའི་བོད་རིགས་སྤུན་ཟླ་རྒན་གཞོན་རྣམ་པ་ལྷན་རྒྱས་གང་མང་མཉམ་བཞུགས་ཡོང་བའི་འབོད་བསྐུལ་ཞུ་བ་དང་ཆབས་གཅིག གལ་ཏེ་འཛུལ་བཞུགས་གནང་འདོད་ཡོད་ན་གཤམ་གསལ་འབྲེལ་མཐུད་པའི་གློག་འཕྲིན་ཁ་བྱང་དང་ཁ་པར་ཨང་གྲངས་ཐོག་ངེས་པར་དུ་འབྲེལ་བ་གནང་སྐྱོང་ཡོང་བ་ཞུ། །
འབྲེལ་བ་གནང་ཡུལ།
༡. Larry Gerstein (President)
༼༣༡༧༽ 506-2249 (cell)
༼༣༡༧༽579-9015 (home)
rangzen@aol.com
༢. Ngawang Norbu (board member)
ngawang16@yahoo.com
༼༧༨༡༽ 572-5611 (cell)
༼༧༨༡༽ 321-2858 (home)
www.rangzen.org
ཡང་གལ་ཏེ་རྒྱལ་གཅེས་ལྷག་བསམ་པ་རྣམས་ནས་ཞལ་འདེབས་གསོལ་རས་གནང་འདོད་ཡོད་ན་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ཆབས་གཅིག་གཤམ་གསལ་ཁ་བྱང་ཐོག་གཏོང་གནང་ཡོད་པ་ཞུ།
International Tibet Independence Movement
P.O. Box 592
Fishers, Indiana 46037-0592

བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྐྱབས་མགོན་རྒྱལ་བའི་དབང་པོའི་སྐུའི་སྤུན་རྒན་ཤོས་སྐུ་གཤེགས་སྟག་མཚེར་རིན་པོ་ཆེའི་སྲས་འཇིགས་མེད་ནོར་བུ་མཆོག་ཁར་སང་གཟའ་ཟླ་བའི་ཕྱི་དྲོར་བོད་དོན་གོམ་བགྲོད་བྱེད་བཞིན་པའི་ལམ་དུ་སྐུ་གྲོངས་འདུག རྐྱེན་ངན་དེ་ནི་ཁོང་ཧྥི་ལོ་རེ་ཌའི་བྱང་ཤར་ས་ཁུལ་གྱི་གཞུང་ལམ་སྟེང་དུ་གོམ་བགྲོད་གནང་བཞིན་པའི་སྐབས་སུ་འཁོར་ལོའི་བརྡབས་སྐྱོན་བྱུང་བར་མྱུར་སྐྱོབ་སྨན་འཁོར་སླེབས་ཀྱང་སྐྱོབ་མ་ཐུབ་ཚུལ་འདུག དགུང་ལོ་༤༥ལ་སོན་པའི་སྐུའི་ཚ་བོ་འཇིགས་མེད་ནོར་བུ་མཆོག་ལོ་སྔོན་མའི་སྤྱི་ཟླ་༡༢པའི་ནང་ཐའེ་ཝན་་དུ་ཀི་ལོ་མི་ཊུར་༤༨༠་ཙམ་ལ་གོམ་བགྲོད་གནང་ཡོད་པ་དང་། ཐེངས་འདིར་ཟླ་༢པའི་ཚེས་༡༤་ནས་མགོ་བཙུགས་ཏེ་ཧྥི་ལོ་རི་ཌའི་མཚོ་འགྲམ་གྲོང་ཁྱེར་ཁག་བརྒྱུད་ནས་ཀི་ལོ་མི་ཊུར་༤༨༠ཙམ་ལ་གོམ་བགྲོད་གནང་བའི་འཆར་གཞི་ཡོད་འདུག
༈ ཉེ་ལམ་ཕྱི་ཟླ་ ༥ ཚེས་ ༢༣ ཉིན་ཨ་རིའི་རྒྱལ་ས་ནིའུ་ཡོག་ཏུ་རང་རེའི་བཙན་བྱོལ་གཞུང་གི་བཀའ་བློན་ཁྲི་པ་མཆོག་ནས་བསྩལ་བའི་བཀའ་སློབ་སྙིང་དོན་རྣམས་མང་ཚོགས་ནང་མང་པོ་ཞིག་ནས་གོ་བརྡ་མ་འཕྲོད་པའི་དཀའ་ངལ་གྱིས་བོད་རིགས་ནང་ཁུལ་བལྟ་སྣང་མཐོང་ཕྱོགས་མི་༏དྲ་བ་མང་པོ་ཡོང་ངེས་ལ་འདི་ག་ཨ་རིའི་ས་གནས་སྦོསེ་ཊོན་དུ་ཕྱི་ཟླ་ ༡༠ ཚེས་ ༢༨ ཉིན་བཀའ་ཁྲི་མཆོག་ཆིབས་འགྱུར་གྱི་མི་མང་ལ་མཇལ་འཕྲད་བཀའ་སློབ་བཀའ་དྲིན་སྐྱོང་སྐབས་སུ་དྲི་བ་དྲི་ལན་གྱི་གོ་སྐབས་སུ་གནད་དོན་དེའི་ཐད་གསལ་བཤད་ཡག་པོ་ཞིག་སྐྱབས་འཇུག་ཞུས་པ་བཞིན་བཀའ་ཁྲི་མཆོག་ནས་ཀྱང་ཐུགས་བརྩེ་བ་ཆེན་པོས་གསལ་བཤད་གནང་སོང་བས་བཀའ་དེ་བཞིན་བོད་རིགས་སྤྱི་མཐུན་ཚོགས་པའི་དྲ་རྒྱ་ www.bostontibet.org ནང་ Kalon tripa Vedio ཐོག་མཇླ་རྒྱུ་ཡོད་པས་ཐུགས་སྣང་ཡོད་རིགས་ཚང་མས་གཟིགས་རྟོགས་ཡོང་བ་ཞུ། གུས་པ་ངག་དབང་ནོར་བུས༎ ༎
ཉེ་ལམ་ཕྱི་ཟླ་ ༡༡ ཚེས་ ༢ དགོང་དྲོའི་ཆུ་ཚོད་ ༩ པའི་ཐོག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་བརྒྱུད་གསར་བཀོད་པ་སྐལ་ལྡན་བློ་བྲོས་ལགས་ནས་བཞུགས་སྒར་རྡ་རམ་ས་ལར་འོས་བསྡུ་ལྷན་ཁང་གི་འགན་འཛིན་སྐུ་ཞབས་འཇམ་དཔལ་ཆོས་བཟང་ལགས་སུ་འོས་བསྡུའི་སྐོར་བཅར་འདྲི་གནང་དོན་ལྟར་སྐུ་དངོས་འཇམ་དཔལ་ཆོས་བཟང་ལགས་ནས་ཨ་རིའི་ས་གནས་སྦོསེ་ཊོན་Boston དུ་འོས་འདེམས་སྐབས་ཁྱེན་མཚཪ་པོ་བྱུང་འདུག་པའི་སྐོར་གསུངས་སོང་བས་བློ་འཕམ་ཆེན་པོའི་ངང་དེ་སྐོར་གསལ་བཤད་ཕྲན་བུ་ཞིག་མི་ཞུ་མཐུ་མེད་བྱུང་སོང་བས། དངོས་ཡོད་གནས་ཚུལ་ཇི་མ་ཇི་བཞིན་མཁྱེན་རྟོགས་མེད་པར་མི་ངན་རེ་གཉིས་ཀྱི་ཁ་ལ་འཆོར་ཏེ་གནས་ཚུལ་གང་བྱུང་མང་བྱུང་འདྲེམ་སྤེལ་གནང་ན་ས་གནས་སུ་གནས་འཁོད་བོད་མི་ཡོངས་དང་ལྷག་པར་དུ་ས་གནས་སུ་གླ་མེད་ལྷག་བསམ་ལྡན་པའི་ལས་བྱེད་རྣམས་བློ་འཕམ་ཆེན་པོ་ཡོང་རྒྱུར་ས་གནས་སུ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་རྒྱུན་ལས་རྣམས་ལ་ཐད་ཀར་འབྲེལ་བ་གནང་སྟེ་གནས་ཚུལ་ཇི་མ་ཇི་བཞིན་གང་ཡིན་པ་དྲི་རྩད་གནང་དགོས་པ་ལས་རང་ངོས་ནས་སྤྱི་ཚོགས་ལ་མཐུན་འགྱུར་སྤུ་ཙམ་ཡང་མེད་པར་རྐྱོན་དང་ནོར་འཕྲུལ་ཤ་གཅིག་བསྲུང་མཁན་མི་ངན་རེ་གཉིས་ཀྱི་དཀྲོག་གཏམ་ལ་གསན་འཇོག་མི་གནང་བའི་རེ་བསྐུལ་ཞུ་རྒྱུ་ཡིན།
དངོས་ཡོད་གནས་ཚུལ་ནི། ཕྱི་ཟླ་ ༡༠ ཚེས་ ༣ སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་ས་གནས་སྦོསེ་ཊོན་ཀུ་རུ་ཀུ་ལའི་ནང་པའི་ཆོས་ཚོགས་སུ་ཕྱི་ལོ་ ༢༠༡༡ ལོའི་བཀའ་སྤྱི་གཉིས་ཀྱི་འོས་འདེམས་ཀྱི་ལས་སྒོ་བཙུགས་པ་དང་སྒོ་མ་བཙུགས་གོང་ལ་དགོན་པའི་གཡས་གཡོན་དུ་འོས་མི་སྒེར་ཀྱི་རྒྱབ་སྐྱོར་འབོད་བསྐུལ་འདྲེམ་ཤོག་ཆ་ཚང་བསྡུ་རུབ་ཀྱི་འོས་ཤོག་འཕེན་སྒོ་བཙུག དེ་རྗེས་འོས་འཕེན་མི་གྲངས་བཅུ་ཅོ་ལྔའི་རྗེས་སུ་སྤྱི་འཐུས་འོས་མི་སུ་ཡང་མི་ཤེས་མཁན་གང་མང་དུ་ཕྱིན་རྗེས་སྐབས་དེར་ས་གནས་ཚོགས་གཙོ་གསར་པ་སྐུ་ཞབས་གཡང་འཕེལ་ལགས་ནས་དྲ་ལམ་www.tibetanpoliticalreview.org/home/na-chitue-candidates རྒྱུད་གསལ་བསྒྲགས་གནང་བའི་འོས་མི་ཆ་ཚང་ཞིག་པར་བསྐྲུན་གནང་བ་ཞིག་གནམ་འདུག་པ་དེ་བཞིན་མི་མང་གིས་མཁྱེན་རྟོགས་དང་འོས་ཤོག་ཆུ་ཟོས་སུ་མི་འགྲོ་བའི་ཐབས་ཤེས་ཀྱི་དང་ཐོག་ཏུ་རང་གཞུང་སྐུ་ཚབ་དོན་གཅོད་ཁང་དུ་ཁ་པར་རྒྱུད་བཀའ་འདྲི་དགོངས་སྐོར་ཞུས་པ་དང་སྐུ་དངོས་དོན་གཅོད་མཆོག་ནས་གསུང་དོན་དུ་སྤྱིར་བཏང་གཞུང་འབྲེལ་ཐོག་མི་ཆོག་ཀྱང་འོས་ཤོག་ཆུ་ཟོས་སུ་མི་འགྲོ་བའི་ཐབས་ཤེས་ཡིན་ན་ས་གནས་འཐུས་མི་རྣམས་དང་གོ་བསྡུར་གྱི་ཐག་གཅོད་བྱེད་འཐུས་པའི་བཀའ་ཕེབས་པ་གཞི་བཟུང་ས་གནས་བརྒྱུན་ལས་རྣམ་པ་དང་འགན་འཛིན་ལྷན་ཚོགས་བཅས་བཀའ་བསྡུར་གྱིས་གོང་འཁོད་དྲ་ལམ་རྒྱུད་ཐོན་པ་ཤ་ཅིག་ལས་འདེམས་འགྲུགས་སོགས་རྩ་བ་ནས་མེད་པའི་ཐོག་འདྲེམ་སྤེལ་ཞུས་པ་རེད། དེ་རྗེས་ཆུ་ཚོད་གཅིག་མ་ཟིམས་ཙམ་ལ་དོན་ཁང་ནས་ཞལ་པར་འབྱོར་དོན་དུ་མིང་གཞུང་འདྲེམས་སྤེལ་བྱས་པ་སྒྲིག་མིན་གྱི་ས་གནས་ནས་ཁ་པར་འབྱོར་བྱུང་བས་ད་ལྟ་ལམ་སེང་མིང་གཞུང་རྣམས་བསྡུ་རུབ་བགྱི་ཅེས་བཀའ་ཕེབས་མ་ཐག་མིང་གཞུང་རྣམས་ཆ་ཚང་བསྡུ་རུབ་ཞུས་སོང་བ་མ་ཏོགས་དེ་མིན་ས་གནས་སུ་འོས་འཕེན་སྐབས་ལྐོག་ཟ་རུལ་བཟུང་གི་བྱ་སྤྱོད་དང་ཁྱེན་མཚར་རྒྱུའི་བྱ་བ་གང་ཡང་བྱུང་མེད་པའི་གསལ་བཤད་ཞུ་གི་ཡོད།
བེ་རེཎཌ་ཝར་ནར།
ཁྱེད་ཀྱིས་ད་གང་རྐུ་ཐུབ་བམ།
ཁྱེད་ཀྱི་འཛམ་གླིང་འདི་ཡི་ཡང་རྩེ་རུ།
རྒྱ་དམར་པོ་ཡི་རྡུལ་ཕྲན་གྱི་སྙིགས་རོ་ནི་བོར།
ནམ་མཁའི་དབྱིངས་སུ་དུག་རྫས་ཀྱི་དུག་རླངས་ནི་བསྐེངས།
གང་དུ་བོར་དང་བསྐེངས་བའི་རི་ལྗོངས་དང་།
ལྷ་ཡུལ་འདི་ཉིད་ཁྱེད་ཀྱིས་རྐུ་ནུས་སམ།
བོད་ཡུལ་ཁྱེད་ལ་གཏན་དུ་བདག་དབང་ཡོད་ཁུལ་གྱིས།
ང་ཡི་སྤུན་ཟླ་ཡི་སེམས་རྐུ་ནུས་སམ།
ཁྱེད་ཀྱི་རྫུན་གཏམ་དང་བཙོན་པས་བཟོ་བའི་དངོས་ཆས་ཀྱིས།
ཨ་མི་རི་ཀའི་མི་རིགས་ཀྱི་གཟི་བརྗིད་རྐུ་ནུས་སམ།
རྒྱ་བོད་གཉིས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱིས།
ཁྱེད་ཉིད་ཀྱིས་མི་རིགས་རླབས་ཆེན་གྱི་ལ་རྒྱ་རྐུ་ནུས་སམ།
རང་དབང་དང་རྒྱལ་ཁབ་དང་རང་གི་སྤུན་ཟླའི་ཆེད།
ཁྲག་གྲོན་བཏང་བའི་རྒྱལ་གཅེས་ས་ཡ་༡་༢ ཀྱིས།
ཚེ་སྲོག་སླར་ཡང་འཕྲོག་ནུས་པ་བསམ་པ་ཨེ་ཡིན།
ཡིན། ཁྱེད་ཀྱིས་དེ་ཚོ་ཡོངས་རྐུས་པ་ཡིན།
ཁྱེད་ཀྱི་གཞུང་ཚབ་ཀྱི་མདུན་དུ་ཁ་གཏད་དང་།
ངོ་རྒོལ་ཆེད་ང་ཚོ་འདིར་ལངས་ནས་བསྡད་ཡོད།
ཅིའི་ཕྱིར་ཞེ་ན།
ཁྱེད་ཀྱི་དཔལ་འབྱོར་གྱིས་ང་ཚོ་ལྐོག་སླུ་བྱེད་མི་ཐུབ།
ཁྱེད་ཀྱི་རྫུན་གྱིས་ང་ཚོ་བསླུ་བྲིད་བྱེད་མི་ཐུབ།
ཁྱེད་ཀྱི་གོ་མཚོན་གྱིས་ང་ཚོའི་ལུས་ལ་རེག་སྲིད་མོད་སེམས་ལ་རེག་མི་ནུས།
འདིར་ང་ཚོ་ལངས་ནས་བརྡ་ལན་སྤྲོད་རྒྱུ་ནི།
གནས་སྐབས་ཁྱེད་ཀྱིས་བོད་ཀྱི་ཡུལ་ལྗོངས།
ཡུལ་གྱི་ཐོན་ཁུངས།
ཐ་ན་ཆོས་ཡན་ཆད་རྐུ་ཐུབ་སྲིད།
འོན་ཀྱང་ཁྱེད་ཀྱི་བོད་མི་ཁྱེར་རྐྱང་གཅིག་གི་ཡང་སེམས་རྐུ་མི་ཐུབ།
མ་ཟད་དྲང་བདེན་དང་སྤོབས་ལྡན་གྱི་ཨ་རིའི་གྲོགས་པོ་ཡང་འཇོམ་མི་ནུས།
ངོས་རང་ཚོང་ཟོག་མིན་པ་བཞིན་དུ།
བོད་ཀྱང་ཚོང་ཟོག་མིན།
བོད་ནི་སླར་ཡང་རང་བཙན་གྱི་རྒྱལ་ཁབ་ཏུ་འགྱུར་རྒྱུ་ཡིན།
རང་བཙན་གྱི་འགྲོ་གྲོན་ནི་ཁྲག་ཁོ་ན་ལས།
གསེར་དང་དངུལ་གྱི་ཊམ་ཀས་འཇལ་མི་ནུས།
འདིའི་ཕྱིར་ང་ཚོ་ནི་རྟག་ཏུ་གྲ་སྒྲིག་བློས་གཏོང་ཡིན།
བོད་རང་བཙན།
————————————————————-
by Brent Werner
What could you steal?
Could you steal the very mountains and the sky,
As you dump Chinese nuclear waste into the roof of the World,
And pour toxic fumes in the heavens themselves?
Could you steal the minds of my countrymen,
As you pretend that Tibet has always belonged to you?
Would you steal the dignity of the American people,
With your lies and prison-made gadgets?
Would you steal the legacy of your own people,
By denying fundamental human rights to both Tibetans and Chinese?
Would you steal the lives of another 1.2 million martyrs,
Who bled for their freedom, their nation, their kin?
Yes, you have stolen all this. But here we stand.
We stand before your embassy, defiant.
Because your money can not corrupt us.
Your lies can not deceive us.
Your weapons can touch our bodies, not our hearts.
We stand here to tell you that you may steal, for a time,
The land, the resources, and even the religion of Tibet.
But you can not steal the will of a single Tibetan,
Nor the resolve of a true and proud American friend.
I am not for sale. Neither is Tibet.
Tibet will be Independent again. For the price of freedom is not paid
In gold and silver coin, but in blood. And we remain willing
To pay the price.
BHOD RANGZEN!
གཤམ་དུ་དར་ཆ་གསུམ་ཡོད། འགྲོ་སྟངས་ལྟར་ན། མངའ་སྡེ་དག་གི་དར་ཆ་ནི་རྒྱལ་ཁབ་ཀྱི་དར་ཆའི་འོག་ལ་བསྒྲེངས་དགོས། དར་ཆ་འདི་གསུམ་གྱིས་བོད་ཀྱི་མ་འོངས་པ་མཚོན། དེས་ན། ཁྱེད་ལ་དར་ཆ་གང་དགོས།
Each of these flagpoles represent a potential future for Tibet? Protocol for a flagpole requires that the National Flag fly above a Regional or Province flag. Therefore, which of the above options do you want for the future of Tibet: 1, 2, or 3?

|
དགེ་འདུན་གྱིས།
———–
བོད་རང་བཙན་ནི་གངས་ཕྲུག་ངའི་ཕུག་འདུན་ཡིན་ལ་བོད་སྐྱོབ་ཀྱི་རེ་བ་ཉག་གཅིག་ཀྱང་ཡིན།བོད་ལ་རང་བཙན་མ་ཐོབ་བར་དུ་བོད་སྐྱོབ་མི་ཐུབ་ཁོ་ན་རེད།
ང་ཚོ་ཚང་མའི་ནུས་ཤུགས་གཅིག་ཏུ་སྒྲིལ་དགོས།
ང་ཚོས་ཐབས་ལམ་ཚོལ་དགོས།
ང་ཚོས་གོ་སྐབས་ཟིན་དགོས།
ང་ཚོས་འཐབ་རྩོད་ལ་ལེགས་སྤེལ་ཉེས་འགོག་གི་འདུན་པ་ཡོད་དགོས།
ང་ཚོས་དགེ་དོན་དང་སྤྱི་དོན་ངོས་ཟིན་དགོས།
དེ་དག་ནི་ང་ཚོའི་འཐབ་བརྩོད་ལ་ནུས་སྟོབས་རྒྱས་བྱེད་ཡིན།
ངའི་སེམས་ཚོར་ཡིན། བོད་རང་བཙན། བོད་རྒྱལ་ལོ།
|

སྐད་འབོད་བྱེད་བཞིན་པ།

གསར་འགོད་པས་བཅར་འདྲི་བྱེད་བཞིན་པ།

གོམ་བགྲོད་བྱེད་བཞིན་པ།

གསང་བའི་ལས་བྱེད་ཅིག་ལ་སྐད་ཆ་ཤོད་བཞིན་པ།
དེ་རིང་གི་མཇུག་སྡོམ་ཉིན་འདིར་ ཕེ་ལེ་ཌ་ཕི་ཡ་དང་ ཤར་ལོ་སི་ཝེལ། ཌི་སི་བཅས་ཀྱི་བོད་མི་ཚོ་ང་ཚོའི་གོམ་བགྲོད་དུ་ཞུགས་པ་རེད། བཀའ་ཟུར་ཞེ་བོ་བློ་བཟང་དར་རྒྱས་ཀྱིས་ “བོད་རང་བཙན་”ཞེས་བྲིས་པའི་བྱང་བུ་བསྒྲེངས་ཏེ་ཕེབས། རྒྱ་ནག་གི་གཞུང་ཚབ་གསར་པ་དེ་ནི་དམག་སྒར་གྱི་རྭ་བ་ཞིག་དང་མཚུངས། ཕྱི་ལོགས་ནས་བལྟས་ན་ ཧ་ཅང་བཙན་ས་ཞིག་བཟོས་ཡོད་པར་སྣང་། ཡིན་ན་ཡང་འདི་ནི་རྫུན་དང་མགོ་སྐོར། འགྲོ་བ་མིའི་ཐོབ་ཐང་བརྡལ་ཞིག་བཏང་ནས་བཟོས་པ་ཡིན་པ་ང་ཚོས་ལོས་ཤེས། ད་དུང་བོད་ནང་དྲག་གནོན་མུ་མཐུད་བྱས་པ་རེད། དེས་ན་གཞུང་ཚབ་ཁང་གི་ནང་དོན་ནི་ཆག་རུང་བ་ཞིག་དང་ཁང་པ་འཇིག་ངེས་པ་ཞིག་རེད། བོད་རང་བཙན།
The core walkers were joined by Tibetans from Philadelphia, Charlottesville, and the Washington, DC area today for the concluding walk and demonstration at China’s Embassy in Washington, DC. Among the distinguished walkers was Kasur Shawo Lobsang Dhargyal who walked with an “Independence for Tibet” sign. This was the third distinct time that Kasur Shawo joined the walk. China’s new very expensive Embassy looks like an army fortress. While it appears to be a highly secure compound on the outside, we all know that it was built on lies, deception, human rights abuses, and horrific acts of violence in Tibet. Therefore, its essence is fragile and subject to collapse. Bhod Rangzen

བོད་ཀྱི་རྒྱལ་གླུ་གཏོང་བཞིན་པ།

རྒྱ་ནག་གཞུང་ཚབ་ཁང་། དམག་ཁང་དང་འདྲ་སེ་བ་ཞིག
We started out earlier today to try to avoid rush hour traffic. Good decision. The weather was much cooler and there was some wind making it easier to walk. Another guest Tibetan walker who, for most of the day, stayed at the front of the walk line joined us today. On average about 3500+ motorists passed us on the road each hour giving us maximum visibility to share our message. Note that we walked from 8am to 4:30pm. When we reached Silver Spring (MD) we reached the 2,000 mark in the number of motorists that responded positively to our “Honk for Tibet” sign.
Two Tibetans brought a great lunch from Maryland and we improvised by spreading out our tarp next to a busy strip mall.
Toward the end of the walk, it began to lightly rain. This did not stop us though from walking an extra 2 miles today.
The core group really rose up today and displayed a lot of physical strength and endurance. We stopped for few breaks and walked at a very swift pace.
We are now within striking distance of China’s Embassy. We have about 3.5 miles to go to reach our destination.
In the evening, yet another local Tibetan brought us a delicious meal. This was followed by a short presentation on the history of ITIM’s walks and bike rides and discussion by those present. Later in the evening, 4 Tibetans were Philadelphia arrived to walk with us tomorrow.
ཕྱི་དྲོ།
In the afternoon of Day 8 (July 11), 3 Tibetans from the DC area joined the walk and brought us some tea. This inspired the core group. A Tibetan woman living in Maryland brought lunch to us. We ate on the side of the road. Like other days, strangers stopped to give us water and speak with us. To get ahead of schedule a bit, we walked 2 extra miles today. After the walk, we drove in very heavy traffic to Dorjee Tso’s house where we will stay for three days. This drive should have taken 40 minutes, but instead it took us 2 hours! Dorjee and her family prepared a great traditional Tibetan meal for us consisting of boiled meat, dakon, and tenthu. Being in her place, feels like home and signaled the impending end of this year’s Rangzen walk.

ང་ཚོ་ ཞག་གསུམ་རིང་སྡོད་སའི་གནས་ཚང་ ཡེ་ཤུའི་ཆོས་ཚོགས་ལ་བཀའ་དྲིན་ཆེ་ཞུས། ཉི་མ་གསལ། རླུང་ལྡང་བའི་ཞོགས་ཀ་འདིར་ང་ཚོ་ལ་རྡོ་རྗེ་མཚོའི་བུ་མོ་བདེ་ཆེན་ཡང་མཉམ་དུ་སླེབས། བོད་མི་གཞན་དག་ང་ཚོ་དང་ལྷན་དུ་ཞུགས་དུས་སེམས་པ་དགའ། ལམ་ཁ་ཁུག་ཀྱོག་ཏུ་འཁེལ་སྟབས་གསང་སྤྱོད་ཀྱང་རྙེད་དཀའ། མེ་གསོད་རུ་ཁག་གི་ཁང་བ་ཞིག་ཏུ་ངལ་གསོའི་བྱ་བ་བྱས། མུ་མཐུད་ནས་གོམ་བགྲོད་བྱེད་བཞིན་ཡོད། Said goodbye and big thanks to Rev. Barr for letting us stay for 3 nights in the Arbutus United Methodist Church (Arbutus, Maryland). Sunny, breezy morning. Joined by Dorjee Tso’s daughter, Dechen. Inspiring to have other Tibetans join us. Sunshine helped brighten our focus today. On a rural road. In the U.S., it is often difficult on such roads to find a toilet. Asked the Halethorpe Fire Station guys if we could use theirs. No problem!

ཉིན་བདུན་པ། རང་བཙན་གོམ་བགྲོད་ཀྱི་མགོ་འཛུགས་སྐབས་ཏེ། མཚམས་རེར་པར་རིས་ཀྱིས་སྒྲུང་ཚང་མ་འཆད་ཡོང་། བོད་རང་བཙན།
Day 7 (July 10) Beginning of Rangzen Walk: Sometimes a picture says it all. Bhod Rangzen!

བསྟན་འཛིན་དཔལ་སྐྱིད་ནི་རྒྱ་གར་དུ་འཚར་ལོང་བྱུང་། ད་ལྟ་ཨ་རིའི་མཱེ་རེ་ལཱན་ཌི་མངའ་སྡེ་ན་འཛིན་གྲྭ་བཅུ་གཉིས་པའི་སློབ་སྦྱོང་བྱེད་བཞིན་ཡོད། སློབ་གྲྭའི་དབྱར་ཁའི་གུང་གསེང་ལ་འཁེལ་བ་དང་ཕྱོགས་མཚུངས་སུ་གོམ་བགྲོད་ཀྱི་གནས་ཚུལ་ཐོས་ནས་གོམ་བགྲོད་ཀྱི་ཆ་ཤས་བླངས། གོམ་བགྲོད་བྱེད་དགོས་དོན་ཐད་མོས། “བོད་རང་བཙན་དང་བོད་མི་མང་གི་བདེ་སྡུག་སྐོར་འཛམ་གླིང་མི་མང་ལ་གསལ་བསྒྲགས་བྱ་ཕྱིར་ཡིན་”ཞེས་གསུངས། གོམ་བགྲོད་ཀྱི་ཉིན་དང་པོར་རྐང་པ་ན་ཟུག་ཡོད་པའི་དཀའ་ངལ་འཕྲད་ནའང་། ཉིན་བདུན་གྱི་རྗེས་སུ་དཀའ་ངལ་རྣམས་རང་ཡལ་དུ་སོང་ནས་ད་ཆ་གོམ་བགྲོད་བྱེད་པར་དཀའ་ངལ་མི་འདུག་གསུངས། མཐའ་དོན་ཁོང་གིས་གསུངས་དོན།
“བོད་ནང་ལ་བོད་མི་རྣམས་ཀྱིས་རང་དབང་རང་བཙན་ཆེད་ལས་ཀ་བྱེད་དུས་ཚེ་སྲོག་གི་ཉེན་ཁ་ཡོད་པ་རེད། ང་ཚོ་རང་དབང་ལུང་པ་ན་ཡོད་པ་རེད། རང་དབང་ལུང་པ་ན་ང་ཚོ་ལ་བོད་ནང་གི་ཉེན་ཁ་དེ་ཚོ་ཡོད་མ་རེད། ད་རང་བཙན་གྱི་ལས་ཀ་འདི་ང་ཚོས་མ་བྱས་ན་གཞན་སུས་བྱེད་གི་རེད།”
ཅེས་གསུངས་སོང་།



མི་ནེ་སོ་ཊ་ནས་ཡིན་པའི་བཀྲ་ཤིས་བཟོད་པ་ལགས་ནི་ཐེངས་འདིའི་གོམ་བགྲོད་པའི་ཁོངས་སུ་ཞུགས་ཡོད་པ་དང་། དེ་ཡང་ལས་ཀ་ནས་དགོངས་པ་ཞུས་ཏེ་གོམ་བགྲོད་ལ་ཞུགས་ཡོད། ཁོང་གིས་གོམ་བགྲོད་ཀྱི་སྐོར་བཤད་སྐབས། “ང་ཚོ་ཆར་པ་དང་ཡང་ན་གནམ་གཤིས་ཧ་ཅང་ཚ་བ་ཆེ་བའི་ཁྲོད་གོམ་བགྲོད་བྱེད་བཞིན་པ་འདི་ མི་གཞན་པ་ཚོས་ ཧ་ལམ་སྨྱོན་པའི་ལས་ཀ་འདྲ་པོ་ཞིག་ཡིན་པར་མཐོང་སྲིད་པ་རེད། ཧ་མ་གོ་ན་དེ་ལྟར་མཐོང་སྲིད་པ་རེད།” ཅེས་གསུངས། ཁོང་ལྟར་ན། བོད་མི་ཚོ་རང་དབང་གི་ཆེད་དུ་བཙན་བྱོལ་ལ་ཡོང་བ་ཡིན་ན་ཡང་། ལོ་ ༦༠ ལྷག་གི་རྗེས་སུའང་ད་དུང་གཉིད་མ་སད་པར་༧རྒྱལ་བ་རིན་པོ་ཆེ་ལ་སྒུག་བསྡད་ཡོད་པ་དང་། དེ་ནི་ནོར་འཁྲུལ་ཆེན་པོ་ཞིག་ཡིན་པར་འདོད། དེ་ཡང་ལོ་ ༦༠ ནི་མི་ཚེ་གཅིག་ཡིན་པ་དང་། དེ་རིང་གོམ་བགྲོད་བྱས་ན་སང་ཉིན་རང་བཙན་ཐོབ་པའི་རེ་བ་མེད་ནའང་། བོད་ཕྱི་ནང་གི་བོད་མི་ཚོར་སེམས་ཤུགས་སྤར་བ་དང་། རང་ཉིད་བོད་མི་ཞིག་ཡིན་པའི་ལས་འགན་ཞིག་སྒྲུབ་པར་འདོད། དེ་ཡང་ཁོང་གིས། ”
ང་ཚོ་ ༧རྒྱལ་བ་རིན་པོ་ཆེ་གཅིག་པུ་ལ་བརྟེན་ནས་བསྡད་ན་ཉེན་ཁ་ཆེན་པོ་རེད། བོད་མི་ཚང་མས་ཆབ་སྲིད་ཀྱི་ལངས་ཕྱོགས་གང་ཡིན་ཀྱང་ལས་ཀ་བྱེད་དགོས་རེད། ངས་དེ་ལྟར་གོམ་བགྲོད་བྱེད་ཀྱི་ཡོད། གོམ་བགྲོད་བྱེད་དུས་ གནམ་གཤིས་ཚ་བ་དང་ཆར་ཤུགས་ཆེ་བ་གང་ཡིན་ཡང་། རང་གིས་བོད་ཀྱི་རྩ་དོན་ཞིག་སྒྲུབ་གི་ཡོད་བསམས་ནས་དགའ་སྣང་ཡོང་གི་འདུག”
ཅེས་བཤད་བྱུང་།
What a day! Everything seemed unpredictable and unbalancing. Perhaps it was because one of our treasured leaders, Gerry, left the walk this morning to return home and go to work. We started with an intense down pour of rain that lasted for a few hours. The entire day though was filled with mist, slight rain, and dense haze. It could be that our experience mirrored the weather! Even still, we were focused on the road and mindful of the dangers of walking in the rain. At one point, we walked over a bridge that had no path at all for us. With the rain, limited visibility, and lack of a path, we were primed for trouble. Fortunately, no accidents occurred and no one was hurt. However, a couple of vehicles quickly swerved away to avoid hitting us. One of these vehicles was the State Police. Soon after this, the police officer stopped us and ordered us to not walk in places where there was not a sufficient path. It was obvious though that he made this request because he was concerned about our safety.
For almost the entire day we walked through some very poor neighborhoods where there were many, many homeless people living on the street and there were homes that were in horrible disrepair. One thing we witnessed was a fight between two men who were swinging 2 x 4’s (lumber) at each other. We also saw a drug needle on the ground.
In the midst of all this poverty and violence, a delicious lunch was brought by two of Dorjee Tso’s cousin sisters. We had difficulty, however, finding a suitable place to sit and eat. Finally, we did find a grassy area. Soon after we finished our lunch, two post office police drove up and ordered us to leave the area. They stated, “This is federal property and you are not allowed to sit here. Also, we cannot let you stay because there are many homeless people in this neighborhood who would think it was acceptable to set up tents and sleep here.” We responded, “we understand,” and quickly packed up and left. Our experience today of walking through all the poor neighborhoods was very disturbing.
At the end of the walk, we were surprised by yet another act of kindness. A woman who had seen us brought home made sandwiches and pastries.
We walked 18.5 miles today and finished in Southwest Baltimore.
In the evening, Tenzin’s Amala and Dorjee Tso’s daughter brought us a delicious meal.



བཀའ་ཟུར་ཞེ་བོ་བློ་བཟང་དར་རྒྱས་མཆོག་ནས་གོམ་བགྲོད་ཀྱི་སྣེ་འཁྲིད་བཞིན་པ།
དེ་རིང་གི་གོམ་བགྲོད་པའི་ཁྲོད་དུ་བོད་ཀྱི་གལ་ཆེའི་མི་སྣ་ཞིག་ཕེབས་ཡོད། ཁོང་ནི་བཙན་བྱོལ་བོད་གཞུང་གི་བཀའ་ཟུར་དང་ཁྲིམས་ཞིབ་པ་ཟུར་བ་ཞེ་བོ་བློ་བཟང་དར་རྒྱས་ལགས་རེད། ཁོང་ད་ལོ་དགུང་གྲངས་ ༧༨ ལ་ཕེབས་ཡོད། ཁོང་ ཉིན་དང་པོའི་གོམ་བགྲོད་སྐབས་སུ་ཆེད་དུ་ཕེབས་ཡོད་པ་རེད། ཁོང་དེ་སྔ་བོད་ནང་དུ་ མི་ལོ་ ༢༧ རིང་རྒྱ་གཞུང་གིས་བཙོན་འཇུག་བྱས་ཡོད་པ་རེད། ཁོང་གིས་གསུངས་དོན།
ང་ཚོ་བོད་ཀྱི་འཐབ་རྩོད་འདི་དྲང་བདེན་གྱི་འཐབ་རྩོད་ཅིག་རེད། ༧རྒྱལ་བ་རིན་པོ་ཆེས་ཡང་ཡང་གསུངས་པ་བཞིན་བདེན་པའི་འཐབ་རྩོད་འདི་མཐའ་གསལ་ཡོང་གི་རེད། ༧རྒྱལ་བ་རིན་པོ་ཆེས་གཙོ་བྱས་པའི་བཙན་བྱོལ་བོད་མི་ཚོས་བདེན་པའི་འཐབ་རྩོད་འདི་འཛམ་གླིང་མི་དམངས་ལ་གསལ་བསྒྲགས་གནང་ཡོད་པ་རེད། ད་དུང་ཡང་མུ་མཐུད་ནས་གནང་དགོས་པ་ཞིག་རེད། ལྟག་མཚེར་རིན་པོ་ཆེ་སྐུ་གོང་མས་རང་བཙན་འཐབ་རྩོད་ཀྱི་ལས་འགུལ་འདི་གནང་བ་རེད། ད་མུ་མཐུད་ནས་འདི་ལྟར་ལས་འགུལ་གནང་ཡོང་དུས་དངོས་གནས་སེམས་པ་དགའ་བ་ཞིག་རེད། ད་ང་ཡང་ཤི་རན་པ་རེད། ཡིན་ན་ང་ལ་བུ་ཡོད་རེད། བདེན་པའི་འཐབ་རྩོད་འདི་མུ་མཐུད་དགོས་པ་རེད། འདི་མི་རིགས་གཅིག་གི་འཐབ་རྩོད་རེད། མི་ཐོག་གཅིག་གི་འཐབ་རྩོད་མ་རེད། བྱས་ཙང་། ང་གོམ་བགྲོད་འདི་ལ་ཞུགས་ཐུབ་པ་དེ་ཧ་ཅང་སེམས་པ་དགའ་ནས་ཡོད།

ཕ་དང་རང་གི་ལོ་བཅུ་ཅན་གྱི་བུ།

བསྟན་འཛིན་ཕུན་སྐྱིད་ལགས་སུ་ ནོར་ཝེ་རླུང་འཕྲིན་ཁང་གིས་བཅར་འདྲི་བྱེད་བཞིན་པ།
Two of the walkers (Wangchuk Dorje & Tenzin Palkyi) were interviewed by Voice of Tibet this morning. This was 18-year old Palkyi’s first radio interview. When asked what she thought of the interview she said,
I was taken by surprised with this opportunity. It happened suddenly. After my initial surprise, I was happy to be interviewed. I told the reporter it was my responsibility to walk and as I walk I think of all the terrible hardships my Tibetan brothers and sisters experience in Tibet including being murdered, and this is why we must Free Tibet.
Three Tibetans from Philadelphia joined us last night and are walking with us today including a 10 year old boy and Kasur Shawo Lobsang Dhargyal, a former Kalon; a former Chief Justice; and a 27-year political prisoner of China.

སྤྱི་ཟུར་དབང་ཕྱུག་རྡོ་རྗེ་ལགས་ཀྱིས་ ནོར་ཝེ་རླུང་འཕྲིན་ཁང་དང་ལྷན་དུ་བཀའ་མོལ་གནང་བཞིན་པ།
The day 6 leg of the walk began about 30 miles northeast of Baltimore. After a breakfast of scrambled eggs and bagels at the church we set off on the one hour drive through rush hour traffic to Aberdeen, where had left off yesterday. The walk route for today was again US 40, the same as yesterday. This stretch of road skirted the USAF Aberdeen Proving Grounds for most of the day. Our walk group increased by 4, the 3 Tibetans who had driven down from Philadelphia the night before and the Tibetan Studies student who had decided to join us for another day. He met us during our fist break at McShanes Deli. The proprietor, Dan was interested in what we were doing, and offered us an employee discount for our cold drinks, extended that to our lunch order and even delivered the food to us later in the day. The morning began as overcast and in the low eighties, which was a blessing after the nineties of earlier in the week. The rains came just before lunch but only lasted long enough for the walkers to scramble into rain gear. Interestingly, the rain began as a phone interview started with Kasur Shawo Lobsang Dargyal. The sky then cleared and the direct sun brought the temperature back up right after Kasur-la’s interview finished! Also important to mention that it was challenging for us to keep up with Kasur-la’s slow, steady walking pace the entire day and his lack of a need for a break.
By mid afternoon the group had spread out to a mile apart and despite a few short stops by those at the head to allow others to catch up this spacing remained at the end of the day. Blisters were beginning to take their toll, although Drew claimed that the only blister he had was on his finger from writing “Honk for Tibet” on the pavement with a stone. His honk count for today was 426 increasing our daily average to over three hundred honks. A local man joined us for about an hour and managed to walk double time for a mile to catch the leaders. We gave him a ride back to his car. We finished this day’s walk at White Marsh Station, 18.5 miles closer to D.C. We returned to the Methodist church for our second of three nights. After a meal of curried chicken and dal, (thank you Dorjee-la), most of us went to Tom’s (Tibetan Studies student) brothers house, coincidentally only a few miles from the church, for hot showers.
P.S. – This writer’s walk is finished. Tomorrow I fly home, so I leave it to the others to finish what we all started. Thanks Larry, who walked most of my last day so I could remain in the van and nurse the heat exhaustion from the previous day. Thanks Wangchuk for showing that an elder can still set the pace. Thanks to Drew, who came for a day, and with inexhaustible energy was still going strong. Thanks Jigme for your steady persistence and dedication to a vision. Thanks Zopa for your passionate explanation of Tibet’s plight during our programs. Thank you Dorjee for feeding our bodies with your cooking and our hearts with your lighthearted but firm manner. And a special thank you to Tenzin who was willing to spend her 18th birthday week on the road for the sake of her country. You and others like you are truly the hope for the next generation of the Tibet movement! Gerry

ཞོགས་པའི་ཆུ་ཚོད་ ༩ ནས་མགོ་བཙུགས་ཏེ་ཡང་བསྐྱར་གོམ་བགྲོད་བྱས། ད་བར་ཁྱོན་བསྡོམས་ མེལ་ལེ་ ༧༣ ཙམ་ལ་གོམ་བགྲོད་བྱས་ཟིན། ད་དུང་མེལ་ལེ་ ༨༠ ལྷག་ཙམ་ལ་གོམ་བགྲོད་བྱེད་དགོས།
དེ་རིང་ཡང་ ཚད་པ་ཆེན་པོ་འདུག གོམ་བགྲོད་སྐབས་ ལམ་དུ་བསྐྱོད་བཞིན་པའི་རླངས་འཁོར་བ་ཚོས། “བོད་ཀྱི་ཆེད་དུ་རླངས་འཁོར་གྱི་སྒྲ་སྐད་སྒྲོགས།”ཞེས་པའི་བྱང་བུ་མཐོང་སྟེ། སྒྲ་སྐད་སྒྲོག་བཞིན་འདུག ཧ་ལམ་ཐེངས་སུམ་བརྒྱ་ཙམ་རེར་སྒྲ་སྐད་སྒྲོག ངོ་མི་ཤེས་པའི་མི་རྣམས་ང་ཚོའི་གོམ་བགྲོད་ཀྱི་མདུན་དུ་ཡོང་ནས་འཐུང་ཆུ་སྤྲོད་པ་སོགས་བྱེད།
ང་ཚོ་ལ་དེ་རིང་ཡང་བོད་མི་ ༥ དང་དབྱིན་ཇི་ ༣ བཅས་ཁྱོན་མི་བརྒྱད་ཡོད། དེ་རིང་མེལ་ལེ་ ༡༩ ཙམ་ལ་གོམ་བགྲོད་བྱས་ཟིན། སང་ཉིན་ བོད་མི་གཞན་འགའ་ཡང་ང་ཚོའི་གོམ་བགྲོད་ལ་ཞུགས་འཆར་འདུག
དགུང་ལོ་ ༦༧ ལ་ཕེབས་པའི་སྤྱི་ཟུར་དབང་ཕྱུག་རྡོ་རྗེ་ལགས་ཀྱིས།
“ད་ང་ཚོ་མང་ཆེ་བའི་རྐང་པ་ལ་ཆུ་ལྒང་ཐོན་འདུག ཆུ་ལྒང་ཐོན་པའི་སྐབས་ལ་ན་བའི་ཚབ་ལ་ཚ་གི་འདུག ཡིན་ན་ཡང་། བོད་ནང་གི་ད་ལྟའི་གནས་སྟངས་སྐྱོ་པོ་དེ་དག་ལ་བསམས་དུས། ང་ཚོའི་ཆུ་ལྒང་གི་ན་ཟུག་དེ་ཆུང་ཆུང་རེད། དེ་ལ་བཟོད་སྒོམ་བྱེད་མི་ཐུབ་པ་གང་ཡང་མི་འདུག ང་ཚོས་འདི་ལྟར་གོམ་བགྲོད་བྱས་ནས་ བོད་ནང་གི་དཀའ་སྡུག་དང་ང་ཚོས་རང་དབང་བརྩོན་ལེན་བྱེད་བཞིན་པ་དེ་ ཁྱབ་བསྒྲགས་བྱེད་ཀྱི་ཡོད།”

This was a day of synchronicities and this is what makes walking fun; expecting the unexpected. My habit this week has been to jot down observations as we walk to aid in writing these daily reports. Today I could not find my pen, so I asked the Universe to provide. One half hour latter I found a perfectly good pen at the side of the road. We also received another random act of kindness this morning. A lady who had passed us earlier in the day had gone to the store and brought us fruit and cold drinks. This has happened several times this week. Having started at 8:30am we took our break about ten. We were on US 40 all day long; four lanes straight and wide, with rolling hills enough to test our endurance. Larry often tells the story of how Tibet was not in the general consciousness when ITIM first started walking. The story goes that people having read a Free Tibet sign would come up an ask: “who is Tibet and why isn’t he free.” I always thought this to be poetic license but today it happened to me. A lady climbed out of her car and pointing to the image on the walk shirt asked that exact question. Once I corrected her pronunciation she remember that Tibet was a country and that some ‘famous actor’ used to talk about it. Guess we still have work to do.
The towns in this part of the road were few and far between so the support driver had to leave for about forty minutes to bring us lunch. We try not to go this long with replenishing the walkers’ water supply. About thirty minutes in as we were running low on water a car pulled to the shoulder and, driving from walker to walker handed bottles of cold water through the window. Another random act of kindness; the Universe will provide. During our lunch break a car stopped; he had seen us sitting way off the road as he drove by. The young man was about to enter a masters program in Tibetan studies and was due to travel to Mcleod Ganj (India) and Ladak to begin his study of Tibetan nomads. He has a brother in Baltimore and now we have a contact for showers. The church we are staying in doesn’t have any. The Universe will provide. We arrived at the Methodist church in Arbutus (South Baltimore) after our longest day so far, 18.5 miles, and the longest drive from stopping point to accommodations, about 30 miles. Since we had no program this night some of the crew went out for groceries and we enjoyed a nice meal prepared in the church.
Three Tibetans from Philadelphia arrived at 10:30pm and will stay with us this night including a 10-year old boy who will walk with us tomorrow.
The last two days, Drew has been counting the number of honks we receive as we walk. On July 7 there were 273 and today there were 294.